ཤིང་བརྐོའི་མཚམས་སྦྱོར།

ཤིང་བརྐོའི་མཚམས་སྦྱོར།

 

ཁྲི་ཀརྡོ་རྗེ་འབུམ།

 

ཤིང་བརྐོས་ཏེ་ཤིང་ལེབ་སྟེང་གྲིས་བརྐོས་པའི་རྐང་འཐུང་མེ་ཏོག   མིའམ་སྲོག་ཆགས།  ཡི་གེ སྐུ་བརྙན་དང་བཀྲ་ཤིས་བརྒྱན་རིས་སོགས་རི་མོའི་བརྐོས་བཏོད་བཟོ་རྩལ་ཞིག་རེད། དེ་དག་ནི་ཁྲི་ཀ་རང་ས་ནས་སྐྱེས་པའི་གསོམ་ཤིང་དང་། རྒྱ་ལྕང་།   ཡོ་འབོག་ཤིང་། སིལ་ཤིང་སོགས་ནང་རྒྱུ་ཅུང་ཞིབ་པའི་ཤིང་རིགས་རྒྱུ་ཆ་བྱེད་པ་ཡིན།

ཤིང་བརྐོས་ལ་རྣམ་པ་མང་པོ་ཡོད་དེ། ཤིང་བརྐོས་ལངས་གཟུགས་མ་དང་། འབུར་བརྐོས། ཚག་བརྐོས། འཁྱུག་བརྐོས་བཅས་རྐོ་ཐབས་སྣ་མང་མཉམ་སྤྱོད་བྱེད་པ་ཡོད། འགའ་ཤས་ལ་ཚོན་བྱུགས་ནས་ཤིང་རྒྱུ་ལེགས་བསྒྱུར་བྱེད་པ་དང་མཛེས་སྒྱུར་གྱི་ནུས་པ་ཐོན་དུ་འཇུག་པ་ཡིན། སྤྱིར་བཏང་དུ་འཚོ་བའི་ཉེར་སྤྱོད་དང་། བརྒྱན་རིས་བརྐོས་བཏོད། དགོན་པ་ལྷ་ཁང་། གནའ་བོའི་འཛུགས་སྐྲུན་གྱི་བརྐོས་རྒྱན་དང་ཤིང་ཆས་ཀྱི་ཉེར་སྤྱོད་ཐོན་སྐྱེད་བྱེད་པ་གཙོ་བོ་ཡིན་ཞིང་།  རིམ་གྱིས་ས་གནས་ཀྱི་ཁྱད་ཆོས་གྲུབ་པ་ཡིན། ཨར་ལས་ཀྱི་ཤིང་བརྐོས་བརྒྱན་རིས་ལ་དམངས་ཁྲོད་ཀྱི་ངག་རྒྱུན་དང་།     ཟློས་གར། ལོ་རྒྱུས་གཏམ་རྒྱུད་བརྗོད་བྱ་བྱས་པའི་བརྩམས་ཆོས་མི་ཉུང་བ་ཐོན་ཡོད། རྩེད་གཟིགས་རང་བཞིན་གྱི་ཤིང་བརྐོས་ལ་ཤིང་རྒྱུའི་རང་ངོས་ནས་ཐོན་པའི་མཛེས་ཆ་དང་ཤིང་གི་སྐྱེ་བབ་དང་། ཤིང་རྒྱུར་བསྟུན་ནས་རྐོ་དངོས་བཟོ་བ་ཡིན་པས་མི་རྣམས་ཀྱིས་ཧ་ཅང་དགའ་བོ་བྱེད་པ་ཡིན་ནོ༎

Arts and Crafts in Tibet Triga ཤིང་བརྐོས

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author རྡོ་རྗེ་འབུམ།
Year published 2021
Language Tibetan
Subjects
Places
Terms