དངུལ་རྒྱན་གྱི་ཞིབ་ལས་མཚམས་སྦྱོར།

དངུལ་རྒྱན་གྱི་ཞིབ་ལས་མཚམས་སྦྱོར།

 

ཁྲི་ཀ རྡོ་རྗེ་འབུམ།

 

ཚག་རིས་བཏོད་པ་དང་། ཚག་བརྐོས་ནི་དངུལ་རྒྱན་ཞིབ་ལས་ཀྱི་ཆེས་གདོད་མ་དང་རྒྱུན་མཐོང་དུ་གྱུར་བའི་ལས་སྣོན་བྱེད་ཐབས་ཤིག་ཡིན། དེ་ནི་གསེར་དངུལ་སྲབ་བུར་ཚག་བཏབ་རྗེས། ཚག་གཟོང་གིས་འབུར་བཏོད་ཀྱི་ཕན་ནུས་ཐོན་དུ་འཇུག་པའམ་ཚག་རིས་མང་པོ་བརྐོ་བ་ཡིན། སྤྱིར་བཏང་དུ་བཤད་ན། གཞི་ཁྱོན་ཅི་ལྟར་ཆེ་ན་དགེ་མཚན་དེ་བས་ཆེ།བཞུ་བའི་ཐབས་ལམ་ནི་དངུལ་དཀར་དོ་མཉམ་པའི་ངང་དངོས་ཁམས་རང་བཞིན་ལྟར་མེ་འབུད་ཅིང་། དངུལ་སྲབ་བུར་ངར་དུ་བཅུག་སྟེ་བཞུ་དུས་ཚ་འབྱུང་མེད་པར་བཏང་ཚེ། སྲབ་དངུལ་དེ་དོ་མཉམ་ངང་སིལ་མར་འགྱུར་ན།  རྒྱུ་ཆ་འདིས་རྒྱན་ཆ་བཟོས་ན་ཧ་ཅང་བཟང་ཞིང་རང་བྱུང་མཚར་སྡུག་ལྡན་ཅིང་།  དངུལ་ནག་ལྡུག་པའི་ལག་རྩལ་འདི་དངུལ་དཀར་ལྕགས་བསྲེས་རྒྱན་ཆར་སྤྲས།    དངུལ་ནག་གི་རྒྱན་ཆར་ཚག་གཟོངགིས་འབུར་བཏོད་པའི་གཞི་བྱས་རྗེས། ཚག་རིས་ཀྱི་རྒྱན་ཆར་དངུལ་ནག་དང་ཟངས། ལྕགས་བསྲེས་ཞ་ཉེས་ཀྱིས་སྤྲས་འོད་ཟེར་བཀྲ་ཞིང་དཀར་ནག་ཆ་གསལ་ཅིང་ཡིད་དུ་འོང་བར་འདུག

metal working Triga ཚག་རིས

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author རྡོ་རྗེ་འབུམ།
Year published 2021
Language Tibetan
Subjects
Places
Terms