ཀ་བེད་བརྐོས་རིས་ཀྱི་མཚམས་སྦྱོར།

ཀ་བེད་བརྐོས་རིས་ཀྱི་མཚམས་སྦྱོར།

 

ཁྲི་ཀདགེ་འདུན།

 

   ཀ་བེད་བརྐོས་རིས་ལ་རིགས་གཉིས་ཡོད་དེ། ཀ་བེད་བརྐོས་མ་དང་ཀ་བེད་བརྐོས་རིས་གཉིས་ཡིན། ཀ་བེད་བརྐོས་མ་དང་ཀ་བེད་ཡོ་བྱད་གཉིས་མི་འདྲ་སྟེ། དེའི་ཁྱད་ཆོས་གཙོ་བོ་ནི་བརྐོས་རིས་རྐྱང་རྐྱང་མིན་ཏེ། དེ་ནི་བརྐོས་བཟོ་དང་བརྐོས་རིས་མེར་བསྲེགས་བརྐོས་རིས་སོགས་གཅིག་ཏུ་གྲུབ་པ་ཡིན་ལ་དེ་ནི་ཕྱོགས་བསྡུས་ཀྱི་ཀ་བེད་སྒྱུ་རྩལ་ཞིག་ཡིན་ཕྱིན། ཀ་བེད་བརྐོས་རིས་གཙོ་བྱས་ནས་གྲུབ་ཅིང་།   ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་མཐོང་བ་ནི་བསྟུད་མུར་བརྐོས་རིས་དང་མེར་བསྲེགས་བརྐོས་རིས་ཡིན་ལ། ད་དུང་མིས་བརྐོས་ཞིབ་ལས་ཀྱང་ཡོད།  རྒྱུ་ཆ་བཀོལ་སྤྱོད་ཐད་རིགས་མི་འདྲ་ཞིང་། ཆེ་ཆུང་མི་འདྲ་བའི་རང་བྱུང་ཀ་བེད་ཀྱང་ཡོད། དེ་དག་མཉམ་དུ་གྲུབ་པའི་རྨང་གཞིའི་སྟེང་ཡང་བསྐྱར་བརྐོས་རིས་ཞིབ་མོར་བརྐོས་ན་ཀ་བེད་རྡོ་བརྐོའི་སྒྱུ་་རྩལ་གྱི་མཛེས་ཉམས་འབུར་དུ་ཐོན་ངེས། དེར་བརྐོ་ཐབས་གཙོ་བོ་འདི་དག་ཡོད་དེ། ཕོ་བརྐོས། མོ་བརྐོས། གསལ་བརྐོས། ཕོ་བརྐོས་མཉམ་པོ། ཕོ་བརྐོས་རྩུབ་ཤས། སྡེབས་བརྐོ་བྱེད་པ་སོགས་ཡོད།   གྲིའི་བརྐོ་ཐབས་ལ་གཙོ་བོ་དྲང་བརྐོ་དང་མཉམ་བརྐོ། ཕྱི་ནས་བརྐོ་བ། ནང་ནས་བརྐོ་བ། གང་བདེར་བརྐོ་བ། གཡོན་ལྟར་བརྐོ་བ། གྲིས་གཙག་པ། གྲིས་གཞོག་པ་བཅས་ཡོད་ལ། དེ་ཡང་མོར་བརྐོ་བ། དལ་མོར་བརྐོ་བ། ཐབས་ཤེས་སྒོས་བརྐོ་བ་བཅས་ཡིན་དགོས་ཤིང་། དེ་ལྟར་བྱས་ན་ད་གཟོད་ཀ་བེད་བརྐོ་བཟོའི་སྒྱུ་རྩལ་ལ་མཛེས་ཉམས་ངོམ་ཐུབ།

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author དགེ་འདུན།
Year published 2021
Language Tibetan
Subjects
Places