གེ་སར་ལག་རྡོ།

གེ་སར་ལག་རྡོ།

སྙིང་ལྕགས་རྒྱལ་གྱིས་འཚོལ་སྡུད་བྱས།

 

གེ་སར་ལག་རྡོ་ཞེས་པ་ནི་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་ཨོལ་རོང་སྡེ་བ་ན་ཡོད་དེ།  དེང་སྐབས་སུ་གཤོང་མོ་ཆེ་དགོན་པ་ནས་ཤར་ཕྱོགས་སུ་ཅུང་ཙམ་ཡོང་ན་ཟག་ཁུའུ་ཉག་ཁ་བརྒྱུད་ནས་སོང་ན་ཐང་རྐང་ཟེར་བའི་ས་ཆ་ཞིག་ཡོད་པ་དེར་ཡོད། དེར་གེ་སར་གྱི་ལག་རྡོ་ཡིན་ཟེར་བའི་རྡོ་ཕ་བོང་ཆེ་ཆུང་གཉིས་གོང་འོག་བྱས་ཏེ་ཡོད། རྡོ་ཆེ་བ་དེར་རྒྱ་མ་ལྔ་བརྒྱ་ནས་དྲུག་བརྒྱ་ཙམ་ཡོད་ལ་རྡོ་ཆུང་བ་དེར་རྒྱ་མ་ཉིས་བརྒྱ་ནས་སུམ་བརྒྱ་ཙམ་ཡོད། རྡོ་དེ་གཉིས་ནི་བལྟས་མ་ཐག་ས་དེ་གའི་རྡོ་གཞན་དང་མི་འདྲ་བར་རྫ་བྲག་གི་ཁོང་ནས་ཐོན་པའི་རྡོ་ཞིག་དང་འདྲ།  བཤད་རྒྱུན་ལ་རྡོ་ཕ་བོང་ཆེ་བ་གནས་ས་དེར་སྔོན་ཆད་འདྲེ་མོ་ཞིག་གནས་ཡོད་པ་ལ། འཛམ་གླིང་སེང་ཆེན་རྒྱལ་པོས་འདྲེ་མོ་བཏུལ་བའི་དུས་ལ་བབས་པ་མཁྱེན་ནས་ཆེད་དུ་ཨོལ་རོང་ས་ཆ་འདིར་ཕེབས་ཏེ་འདྲེ་མོ་གནས་སའི་ལ་མགོ་ནས་མར་ལག་རྡོ་གཉིས་འཕངས་བའི་ལག་རྡོ་དང་པོ་ཕ་བོང་ཆེ་བ་དེ་ཡིན། ཕ་བོང་ཆེ་བ་འདྲེ་མོར་མ་ཕོག་པས་ཕ་བོང་ཆུང་བ་དེ་འཕངས་ཏེ་འདྲེ་མོ་ཁ་མལ་དེར་བཏུལ་ཞེས་ཡུལ་དེའི་ངག་རྒྱུན་ལ་མ་ཉམས་པར་བཤད་རྒྱུ་འདུག

Folklore Triga འཛམ་གླིང་སེང་ཆེན་རྒྱལ་པོ

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author སྙིང་ལྕགས་རྒྱལ་གྱིས་འཚོལ་སྡུད་བྱས།
Year published 2021
Language Tibetan
Subjects
Places
Terms